ཧྭ་ཝེའི་རིག་ལྡན་འཚོ་བའི་སྤྱོད་པ་པོའི་གྲོས་མཐུན།

གསར་སྒྱུར་ཚེས་གྲངས། 2024 ལོའི་ཟླ་ 4 ཚེས་ 23 ཉིན།

1 ང་ཚོའི་སྐོར།

ཧྭ་ཝེའི་རིག་ལྡན་འཚོ་བའི་ཉེར་སྤྱོད་དང་འབྲེལ་ཡོད་ལག་རྩལ་དང་རྩོལ་ནུས་ (གཤམ་དུ་ཞབས་ཞུ་འདི་ཞེས་འབོད་རྒྱུ།) ནི་ཧྭ་ཝེ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སིས་ (གཤམ་དཧྭ་ཝེ་ཞེས་འབོད་རྒྱུ།) གཉེར་སྐྱོང་བྱེད་ཀྱི་ཡོད། གྲོས་མཐུན་འདིའི་ནང་གི་ཁྱེད་དང་སྤྱོད་མཁན་ཞེས་པ་ནི་ཞབས་ཞུ་འདི་བེད་སྤྱོད་བྱེད་མཁན་དང་ཡང་ན་ལྟ་སྤྱོད་བྱེད་མཁན་མི་སྒེར་གང་རུང་ལ་གོ་དགོས།

2 གྲོས་མཐུན་གྱི་དམིགས་ཡུལ།

སྤྱོད་པ་པོའི་གྲོས་མཐུན་འདི་དང་ཧྭ་ཝེ་ཡིས་ཞབས་ཞུ་འདིར་དམིགས་ནས་ཞབས་ཞུའི་དོན་ཚན་དང་། སྒྲིག་གཞིའམ་དྲན་སྐུལ་ཁྱབ་སྤེལ་བྱེད་པ་ནི་(གཤམ་དུ་གྲོས་མཐུན་འདི་ཞེས་འབོད་རྒྱུ།)ང་ཚོས་ཁྱེད་ལ་ཞབས་ཞུ་འདི་བེད་སྤྱོད་དང་ལྟ་སྤྱོད་དུ་མཁོ་སྤྲོད་བྱེད་པར་གཞི་འཛིན་སའི་དོན་ཚན་ཡིན། གྲོས་མཐུན་འདི་བརྒྱུད་ནས། ཁྱེད་ཀྱིས་ཧྭ་ཝེ་དང་ཧྭ་ཝེ་ཡིས་ཁྱེད་ལ་ཞབས་ཞུ་འདི་མཁོ་འདོན་བྱེད་ཐབས་དང་། ཞབས་ཞུ་འདིས་ཆོག་མཆན་དང་བཀག་སྡོམ་ཡོད་པའི་བྱེད་སྒོ། གནད་དོན་ལ་འཕྲད་དུས་ཀྱི་བྱེད་ཐབས་དང་གལ་ཆེའི་ཆ་འཕྲིན་གཞན་དག་ཤེས་རྟོགས་བྱེད་ཐུབ། ཁྱེད་ཀྱིས་གྲོས་མཐུན་འདི་ཞིབ་ཕྲའི་སྒོ་ནས་ཀློག་རོགས། ལྷག་པར་དུ་འགན་འཁྲི་མེད་པར་བཟོ་བའམ་ཚོད་འཛིན་གྱི་དོན་ཚན་དང་། བཅའ་ཁྲིམས་སྤྱད་འཐུས་དང་རྩོད་གཞི་ཐག་གཅོད་ལ་འབྲེལ་བའི་དོན་ཚན་སོགས་སྦོམ་གཟུགས་རྣམ་པའི་དྲན་སྐུལ་བྱེད་པའི་ནང་དོན་གཙོ་བོ།

ཁྱེད་ཀྱིས་དྲ་ངོས་ཀྱི་དྲན་སྐུལ་ལྟར་གྲོ་མཐུན་འདིར་མོས་མཐུན་ནམ་ཞབས་ཞུ་འདི་བེད་སྤྱོད་བྱེད་དུས། ཁྱེད་དང་ཧྭ་ཝེ་དབར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་པའི་གན་རྒྱ་བཞག་ཡོད་པར་བརྩི་བར་མ་ཟད། ཧྭ་ཝེ་ཡིས་གྲོས་མཐུན་འདིའི་ཁ་ཆད་ལྟར་བབ་མཐུན་གྱི་གན་རྒྱའི་འོས་འགན་ལག་བསྟར་བྱེད་ངེས། གལ་ཏེ་ཁྱེད་གྲོས་མཐུན་འདིར་མོས་མཐུན་མེད་ཚེ། ཞབས་ཞུ་འདི་བེད་སྤྱོད་མ་གནང་རོགས།

གལ་ཏེ་ཁྱེད་གྲོས་མཐུན་འདིར་དོགས་གཞི་གང་རུང་ཡོད་ཚེ། ཁྱེད་ཀྱིས་ང་ཚོ་དང་འབྲེལ་བ་གནང་ཞེས་པའི་ས་བཅད་ནང་གི་འབྲེལ་གཏུག་ཆ་འཕྲིན་བརྒྱུད་ནས་ང་ཚོ་དང་འབྲེལ་བ་བྱེད་ཆོག

3 ཞབས་ཞུ་འདི་བེད་སྤྱོད་བྱེད་པའི་བླང་བྱ།

ཁྱེད་ཀྱིས་གསལ་བོར་གསལ་བསྒྲགས་དང་ཁས་ལེན་བྱེད་པར། ཁྱེད་ལ་གྲོས་མཐུན་འདི་མིང་འགོད་དང་ལག་བསྟར་བྱེད་པར་བཅའ་ཁྲིམས་ཀྱི་ཁེ་དབང་ངམ་དབང་བཅོལ་འདང་ངེས་ལྡན་ཡོད། ཁྱེད་ཀྱིས་གྲོས་མཐུན་འདིར་མིང་འགོད་པ་དང་ལག་བསྟར་བྱེད་པར་ཁྱེད་ཀྱིས་ལག་བསྟར་བྱེད་དགོས་པའི་གྲོས་མཐུན་གཞན་དག་དང་བཀོད་སྒྲིག་ལ་འགལ་རྐྱེན་ནམ་ཆིངས་འགལ་གྱི་གནད་དོན་བཟོ་མི་སྲིད།

གལ་ཏེ་ཁྱེད་ནི་སྐྱེ་བོ་ལོ་ན་མ་སོན་པ་ (ལོ་བཅོ་བརྒྱད་མ་ལོན་པ།) ཡིན་ན། ཁྱེད་ཀྱིས་ཞབས་ཞུ་འདི་བེད་སྤྱོད་བྱེད་མིན་ཐག་མ་བཅད་གོང་ལ། ཁྱེད་རང་གིས་ཕ་མའམ་ཡང་ན་གཞན་གྱི་ལྟ་སྐྱོང་བྱེད་མི་གཉིས་མཉམ་དུ་གྲོས་མཐུན་འདི་དཔེ་ཀློག་གནང་སྟེ་ཁོ་ཚོས་གྲོས་མཐུན་འདིའི་ནང་དོན་རྒྱུས་ལོན་བྱེད་པར་ཁག་ཐེག་བྱ་དགོས། ཕ་མའམ་གཞན་གྱི་ལྟ་སྐྱོང་བྱེད་མི་ཡི་མོས་མཐུན་མ་ཐོབ་སྔོན་ལ་ཞབས་ཞུ་འདི་བེད་སྤྱོད་མ་བྱེད་རོགས། ལྷག་པར་དུ། གལ་ཏེ་ཁྱེད་ནི་བྱིས་པ་ (ལོ་ན་བཅུ་བཞི་ལ་མ་སོན་པའི་སྐྱེ་བོ།) ཡིན་ན། ཁྱེད་རང་གི་ང་ཚོའི་ཞབས་ཞུ་བེད་སྤྱོད་མ་བཏང་གོང་ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་ལ་བརྡ་ཐོ་བཏང་ནས་མཉམ་དུ་གྲོས་མཐུན་འདི་དང་དེ་བཞིན་ང་ཚོས་ཆེད་དུ་གཏན་འབེབས་བྱས་པའི་ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་བྱིས་པའི་སྒེར་གསང་སྲུང་སྐྱོབ་ཀྱི་གསལ་བསྒྲགས་("https://legal.cloud.huawei.com/legal/child/privacy-statement.htm?code=CN&language=bo-cn")ལ་ལྟ་ཀློག་བྱེད་དགོས་པ་མ་ཟད། ཁྱེད་རང་གི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་གིས་མོས་མཐུན་བྱས་པའམ་ཡང་ན་མཛུབ་ཁྲིད་བྱས་རྗེས་ང་ཚོའི་ཞབས་ཞུ་བེད་སྤྱད་པའམ་ཡང་ན་ང་ཚོར་ཆ་འཕྲིན་མཁོ་འདོན་བྱེད་དགོས། དུས་མཚུངས་སུ། ང་ཚོས་ཕ་མའམ་གཞན་གྱི་ལྟ་སྐྱོང་བྱེད་མིས་ཁྱེད་ཀྱི་བྱིས་པས་སྦྲེལ་དྲ་དང་ལག་ཁྱེར་ཁ་པར། སྒྲིག་ཆས་གཞན་དག་བེད་སྤྱོད་བྱེད་པའི་བྱ་སྤྱོད་ལ་ལུགས་དང་མཐུན་པར་ལྟ་སྐུལ་དང་ཁྲིད་སྟོན་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

ཞབས་ཞུ་འདི་བེད་སྤྱོད་པར་ཁྱེད་ལ་ཞབས་ཞུ་འདི་དང་མཐུན་འགྲིག་ཅན་གྱི་མཐའ་སྣེའི་སྒྲིག་ཆས་གཅིག་གམ་མང་པོ་དགོས་པའི་བླང་བྱ་ཡོད་པ་མ་ཟད། སྐུད་མེད་སྤོ་རུང་གཞི་གྲངས་ཞབས་ཞུའི་དྲ་རྒྱར་འབྲེལ་མཐུད་བྱས་ཚར་བར་བྱ་དགོས།

4 ཞབས་ཞུ་འདི་ལ་ལྟ་སྤྱོད་བྱེད་པ།

ཧྭ་ཝེ་ཡིས་ཁྱེད་ལ་གྲོས་མཐུན་འདི་གཞིགས་ནས་ཞབས་ཞུ་འདིའི་ཚད་ཡོད་ཡིན་ལ་འབའ་ཞིག་མིན་པ། ནང་བཤུག་གཏོང་མི་ཆོག་པ། བརྒྱུད་སྤྲོད་བྱ་མི་ཆོག་པར་ཕྱིར་འཐེན་བྱ་ཆོག་པའི་ལྟ་སྤྱོད་དང་བེད་སྤྱོད་བྱ་བའི་ཆོག་མཆན་སྤྲོད།

གལ་ཏེ་ཁྱེད་ཀྱིས་མིག་བཤར་ཞབས་ཞུ་ཁོ་ན་བེད་སྤྱོད་བྱེད་དགོས་ཚེ། ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ཐོ་བཀོད་དམ་ཐོ་འཇུག་བྱེད་དགོས་དོན་མེད། གལ་ཏེ་ཁྱེད་ཀྱིས་ཞབས་ཞུ་འདིའི་ཁྲོད་ཀྱི་ལས་སྒོའི་རྩོལ་ནུས་གཞན་བེད་སྤྱོད་དགོས་ཚེ། ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ཐོ་བཀོད་དམ་ཐོ་འཇུག་བྱ་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲ་རྒྱའི་དངོས་མིང་ལམ་ལུགས་ཀྱི་བླང་བྱ་ལྟར། ཁྱེད་ཀྱིས་ཧྭ་ཝེའི་ཐོ་ཨང་ཐོ་བཀོད་དམ་ཐོ་འཇུག་དྲ་ངོས་ཀྱི་དྲན་སྐུལ་ལྟར་ཡང་དག་ཆ་ཚང་ངང་ཁྱེད་ཀྱི་དོན་དངོས་ཐོབ་ཐང་ཆ་འཕྲིན་མཁོ་སྤྲོད་བྱ་དགོས། ཁྱེད་རང་གིས་རྒྱུས་མངའ་ཡོད་པ་མ་ཟད་མོས་མཐུན་ཡོད་པར། ཁྱེད་རང་ལ་ཁྱེད་རང་གི་ཆ་འཕྲིན་མཁོ་འདོན་བྱེད་པའི་དོན་དངོས་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུའི་འོས་འགན་ཡོད། ཧྭ་ཝེའི་ཐོ་ཨང་གི་ཞིབ་ཕྲའི་གནས་ཚུལ་སྐོར། ཧྭ་ཝེའི་ཐོ་ཨང་གི་ཁ་ཕྱེ་སྟེ། སྒྲིག་འགོད་ནས་སྐོར། དེ་ནས་ཧྭ་ཝེའི་ཐོ་ཨང་གི་སྤྱོད་པ་པོའི་གྲོས་མཐུན་ལ་ཕེབས་ནས་རྒྱུས་ལོན་གནང་རོགས།

5 ཞབས་ཞུ་འདི།

ཞབས་ཞུ་འདི་ནི་ཧྭ་ཝེ་ཡིས་འཛད་སྤྱོད་པར་མཁོ་སྤྲོད་བྱས་པའི་རིག་ལྡན་ཁྱིམ་མཁོ་ལག་རོགས་ཞབས་ཞུ་གཙོ་བོར་བྱས་པའི་མཉམ་སྦྲེལ་དྲ་རྒྱའི་ཉེར་སྤྱོད་སྒྲིག་རིམ་ཞིག་ཡིན། ཞབས་ཞུ་འདིས་གཞི་རྩའི་རྩོལ་ནུས་ཞབས་ཞུ་དང་ཆ་ཚང་གི་རྩོལ་ནུས་ཞབས་ཞུ་བཅས་རྣམ་པ་གཉིས་མཁོ་སྤྲོད་བྱེད། ཆ་ཚང་གི་རྩོལ་ནུས་ཞབས་ཞུའི་རྣམ་པའི་འོག ཁྱེད་ཀྱིས་གཤམ་གསལ་ཞབས་ཞུ་ཡོངས་དང་རྩོལ་ནུས་སྤྱོད་རྒྱུ་འདེམས་ཆོག རྩ་བའི་རྩོལ་ནུས་ཞབས་ཞུའི་རྣམ་པའི་འོག ཁྱེད་ཀྱིས་རང་གནས་ཁོ་ནར་རིག་ལྡན་སྒྲིག་ཆས་ (དཔེར་ན། ལམ་སྟོན་ཆས་སོགས།) ཀྱི་རྩ་བའི་རྩོལ་ནུས་དོ་དམ་བྱེད་ཆོག ཆ་ཚང་རྩོལ་ནུས་ཀྱི་ཞབས་ཞུའི་རྣམ་པའི་འོག ཁྱེད་ཀྱིས་༼ངའི་༽>༼སྒྲིག་འགོད།༽>༼ཉེར་སྤྱོད་ཞབས་ཞུའི་སྒྲིག་འགོད་༽ལ་ཕེབས་ནས་ཞབས་ཞུའི་རྣམ་པ་ལ་བཟོ་བཅོས་བྱས་ཆོག གཞི་རྩའི་རྩོལ་ནུས་ཞབས་ཞུའི་རྣམ་པའི་འོག ཁྱེད་རང་ ༼∷༽>༼ཉེར་སྤྱོད་ཞབས་ཞུའི་སྒྲིག་འགོད་༽ལ་བསྐྱོད་ནས་ཞབས་ཞུའི་རྣམ་པར་བཟོ་བཅོས་རྒྱག་ཆོག

ཞབས་ཞུ་འདི་ལ་གཤམ་གྱི་ཞབས་ཞུའི་ནང་དོན་ལྡན་ཏེ།

5.1 ཐོ་ཨང་ཐོ་འཇུག

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཞབས་ཞུ་བཀོལ་བ་དང་རིག་ལྡན་སྒྲིག་ཆས་ལ་དོ་དམ་བྱེད་སྐབས། ཐོ་ཨང་ཐོ་འཇུག་གི་རྩོལ་ནུས་བཀོལ་ནས་ཁྱེད་ཀྱི་ཐོབ་ཐང་དག་བཤེར་བྱ་དགོས།

5.2 རིག་ལྡན་སྒྲིག་ཆས་ཀྱིས་རྨང་གཞིའི་ཞབས་ཞུ། སྤྲིན་ཞབས་ཞུ་ལ་དོ་དམ་བྱེད།

རིག་ལྡན་སྒྲིག་ཆས་ཀྱིས་རྨང་གཞིའི་ཞབས་ཞུ། སྤྲིན་ཞབས་ཞུ་ལ་དོ་དམ་བྱེད་པ་ཡིས་ཁྱེད་ལ་རིག་ལྡན་སྒྲིག་ཆས་རྙེད་པ་དང་། སྡོམ། ཚོད་འཛིན་དང་དོ་དམ་སོགས་ཀྱི་ཞབས་ཞུ་མཁོ་སྤྲོད་བྱེད།

5.3 རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས།

རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་རྩོལ་ནུས་ཀྱིས་་ཁྱེད་ལ་རིག་ལྡན་སྐད་གདངས་སྐྱེ་ཁམས་སྒྲིག་ཆས་དོ་དམ་ཞབས་ཞུ་མཁོ་སྤྲོད་བྱས་ཡོད།དཔེར་ན། སྐད་གདངས་བཀའ་ཚིག་སྤྱད་དེ་སྒྲིག་ཆས་ཀྱི་དང་། གནམ་གཤིས་འདྲི་རྩད་དང་འདྲི་རྩད་སྒྲིག་ཆས་གཏོང་བའི་ཟིན་ཐོ་སོགས་བེད་སྤྱོད་བྱེད་པ།

5.4 རོགས་རམ་དང་ལྡོག་ལན།

རིག་ལྡན་འཚོ་བ་ཡིས་ཁྱེད་ལ་སྐུད་ཐོག་གནད་དོན་ལྡོག་ལན་རྩོལ་ནུས་མཁོ་སྤྲོད་བྱེད། ཁྱེད་ཀྱིས་ཞབས་ཞུ་བཀོལ་བའི་བརྒྱུད་རིམ་ཁྲོད་བྱུང་བའི་གནད་དོན་དང་བསམ་འཆར་རང་འགུལ་གྱིས་ང་ཚོར་སྐྱེལ་གཏོང་བྱེད་ཆོག

5.5 རིག་ལྡན་སྒྲིག་ཆས་ཀྱི་བརྟན་ཆས་རིམ་སྤོར།

འཕྲོད་པ།བརྟན་ཆས་གསར་སྒྱུར།ཁྱེད་རང་གིས་ཁྱེད་རང་གི་རིག་ལྡན་སྒྲིག་ཆས་ཀྱི་བརྟན་ཆས་ཀྱི་པར་གཞི་ལ་ཞིབ་དཔྱད་ཚད་ལེན་དང་རིམ་སྤོར་བྱས་ཆོག

5.6 ཉེར་སྤྱོད་མཉེན་ཆས་རིམ་སྤོར།

ཉེར་སྤྱོད་གསར་སྒྱུར་ལ་ཞིབ་བཤེར་བྱས་པ་བརྒྱུད། ཁྱེད་ཀྱིས་རྒྱུད་ཁོངས་ཀྱི་མཉེན་ཆས་ཀྱི་པར་གཞི་གསར་པར་ཞིབ་བཤེར་དང་རིམ་སྤོར་བྱས་ཆོག

5.7 བཟོ་ལྗོངས། ཁྱིམ་ཚང་དོ་དམ་དང་མཉམ་སྤྱོད་སྒྲིག་ཆས།

བཟོ་ལྗོངས་རྩོལ་ནུས་བརྒྱུད་ནས། འོས་སྦྱོར་བྱས་པའི་རིག་ལྡན་སྒྲིག་ཆས་ཀྱི་མཉམ་འགུལ་བཟོ་ལྗོངས་རང་སྒྲིག་གམ་བཀོལ་སྤྱོད་བྱས་ཆོག

ཁྱིམ་ཚང་དོ་དམ་གི་རྩོལ་ནུས་བརྒྱུད་ནས། ཁྱེད་ཀྱིས་ཁྱིམ་ཚང་གི་ཚོགས་པ་བཙུགས་ནས་ཁྱིམ་ཚང་གི་ཁོངས་མི་དང་སྒྲིག་ཆས་ལ་དོ་དམ་བྱས་ཆོག

སྒྲིག་ཆས་མཉམ་སྤྱོད་ཀྱི་རྩོལ་ནུས་ལ་བརྟེན་ནས། ཁྱེད་ཀྱིས་ཁྱེད་ཀྱི་སྒྲིག་ཆས་སྤྱོད་མཁན་གཞན་དག་ལ་མཉམ་སྤྱོད་བྱས་ཆོག

5.8 ཁྲོམ་ར།

ཁྱེད་ཀྱིས་རིག་ལྡན་འཚོ་བའི་ཁྲོད་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སི་ཡིས་མཁོ་འདོན་བྱས་ནས་ཁྲོམ་རའི་རྩོལ་ནུས་སྤྱོད་ཆོག་ལ། ཚོང་རྫས་མྱུར་འཕྲིན་དང་ཀུན་དཔྱད་ཞབས་ཞུ་དང་ཚོང་རྫས་ཉོ་སྒྲུབ་སོགས་རྩོལ་ནུས་སྤྱད་ཆོག

5.9 གླེང་སྟེགས།

གླེང་སྟེགས་ཞེས་པའི་རྩོལ་ནུས་ལ་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིའི་ངའི་ཧྭ་ཝེ་ཞེས་པའི་གླེང་སྟེགས་ཞབས་ཞུ་བསྡུས་ཡོད་པས། ཁྱེད་ཀྱིས་གླེང་སྟེགས་ནང་དུ་བཤར་ལྟ་བྱས་ཆོག གལ་ཏེ་ཁྱེད་རང་གིས་ཐོ་ཨང་ཐོ་འཇུག་བྱས་ཟིན་ན། ཁྱེད་རང་གིས་གླེང་སྟེགས་ཁྲོད་དུ་ཡི་གེ་དང་དཔྱད་གཏམ་བཏང་ཆོག

5.10 ཚོང་དོན་རིག་ལྡན།

རིག་ལྡན་འཚོ་བའི་ཞབས་ཞུའི་སྤུས་ཚད་དཔྱད་དཔོག་བྱེད་པ་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་སུ་གཏོང་ཆེད་དུ། རིག་ལྡན་འཚོ་བཚོང་དོན་རིག་ལྡན་བསྡུས་ཡོད།

5.11 རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་།

རིག་ལྡན་འཚོ་བའི་ལས་སྒོ་གཉེར་སྐྱོང་ཞབས་ཞུ་མཁོ་འདོན་བྱ་ཆེད། རིག་ལྡན་འཚོ་བས་འབྱོར་ཐོ་བཀོད་ནས་བྱ་དགའི་རྒྱན་ལེན་དང་རིག་སྲན་བརྗེ་བའི་རྩོལ་ནུས་མཁོ་འདོན་བྱེད་ཅིང་། སྤྱོད་མཁན་གྱི་བཀོལ་སྤྱོད་ཀྱི་ཉམས་ལེན་མཐོར་འདེགས་གཏོང་།

5.12 ཁང་པ་ཡོངས་ཀྱི་སྒྲིག་ཆས་ཀྱི་གཞི་གྲངས་གྲབས་ཉར།

ཁྱེད་ཀྱིས་ཁང་པ་ཡོངས་ཀྱི་མ་འཕྲུལ་བཀོལ་སྐབས། ཁང་པ་ཡོངས་ཀྱི་རིག་ལྡན་མ་འཕྲུལ་དང་དེའི་འོག་ཏུ་བཀལ་བའི་སྒྲིག་ཆས་སྐྱོན་ཤོར་བ་མྱུར་དུ་སླར་གསོ་ཐུབ་པར་འགན་སྲུང་བྱེད་ཆེད། ཡང་ན་སྔར་ཡོད་ཀྱི་སྒྲིག་འགོད་རྒྱུན་འཁྱོངས་བྱེད་པའི་གནས་ཚུལ་འོག་སྐྱོན་ཤོར་བའི་སྒྲིག་ཆས་བརྗེ་ཆེད། ང་ཚོས་ཁྱེད་ལ་ཁང་པ་ཡོངས་ཀྱི་སྒྲིག་ཆས་ཀྱི་གཞི་གྲངས་སླར་གསོ་བྱེད་པའི་རྩོལ་ནུས་པ་འདོན་སྤྲོད་བྱེད། ང་ཚོས་ཉིན་ལྟར་གོང་སྨྲས་སྒྲིག་ཆས་ཀྱི་གཞི་གྲངས་སྤྲིན་ཐོག་ཐེངས་ཡར་སྐྱེལ་བྱས་ནས། སྒྲིག་ཆས་ལ་སྐྱོན་བྱུང་རྗེས་དུས་ཐོག་ཏུ་སྒྲིག་ཆས་ཀྱི་རྣམ་པ་གསར་ཤོས་སུ་སླར་གསོ་བྱེད་ཐུབ་པར་འགན་ལེན་བྱེད། དེའི་ནང་གྲབས་ཉར་གཞི་གྲངས་དག་ང་ཚོས་སྤྲིན་ཕྱོགས་སུ་གསང་སྡོམ་བྱས་ནས་ཉར་གསོག་བྱ་རྒྱུ་ཡིན།

5.13 ཞུ་གཏུག་ཐེར་འདོན།

ཟློས་ལམ་གསར་རྙེད་བྱེད་པ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ཁྱེད་ཀྱིས་རྩོམ་པ་པོའི་ཐོ་ཨང་ངོས་དང་། གླེང་གཞིའི་ངོས་དང་འགུལ་སྐྱོད་ངོས་ནས་ ∷ དང་ཐེར་འདོན་ལ་རྡེབ་སྟེ་ཐེར་འདོན་བྱས་ཆོག་ལ། བརྙན་ཟློས་ངོས་དང་རྩོམ་ཡིག་ངོས་ནས་མཉམ་སྤྱོད་མཐེབ་གནོན་དང་ཐེར་འདོན་རྡེབ་ནས་ཐེར་འདོན་བྱས་ཆོག ཁྱེད་ཀྱིས་གཏུག་བཤེར་ཐེར་འདོན་གྱི་ཞབས་ཞུ་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད། ང་ཚོས་ཁྱེད་ནས་ཡར་སྤྲད་པའི་ཐེར་འདོན་གྱི་ནང་དོན་དང་འབྲེལ་གཏུག་བྱེད་སྟངས། (ལག་ཁྱེར་ཁ་པར་ཨང་གྲངས་སམ་སྦྲག་སྒམ་གྱི་གནས་ཡུལ།) དཔང་རྟགས་མཚོན་བྱེད་དཔྱད་ཡིག་ (ཡིག་གཞི། པར་རིས། བརྙན་ཟློས་བཅས་ཀྱི་ཆ་འཕྲིན།) བསྡུ་རུབ་བྱས་ཏེ། ཁྱེད་ཀྱི་གཏུག་བཤེར་ཐེར་འདོན་གྱི་རེ་ཞུ་འབྱོར་ལེན་བྱ་བ་མ་ཟད་ཐག་གཅོད་བྱ་རྒྱུར་སྟབས་བདེ་སྐྲུན། ཁྱེད་ཀྱིས་ཐེར་འདོན་ཞབས་ཞུ་སྤྱོད་དུས། ང་ཚོས་ད་གཟོད་གོང་བརྗོད་ཞབས་ཞུ་བསྡུ་རུབ་བྱ་སྲིད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་མ་བྱས་ཚེ། ང་ཚོས་ཁྱེད་ཀྱི་རེ་ཞུ་ཐག་གཅོད་དང་ཐག་གཅོད་མཇུག་འབྲས་ཕྱིར་ལྡོག་བྱེད་ཐབས་བྲལ་སྲིད།

5.14 ཟློས་ལམ་གསར་རྙེད་བྱེད།

ཁྱེད་ལ་བྱེད་སྒོར་མིང་ཐོ་འགོད་པའི་ཞབས་ཞུ་དང་ལས་སྒོ་འཚོལ་བཤེར་ཞབས་ཞུ། ཚོང་ཁང་ཁ་ཆད་བྱེད་པའི་ཞབས་ཞུ་དང་བསྟོད་པ་དང་བསྡུ་ཉར་གྱི་པར་ཡིག་དང་བརྙན་ཟློས་མགྱོགས་མྱུར་གྱིས་ལྟ་ཞིབ་བྱེད་པའི་ཞབས་ཞུ་མཁོ་འདོན་བྱ་ཆེད། རིག་ལྡན་འཚོ་བས་ཟློས་ལམ་གསར་རྙེད་བྱེད་པའི་རྩོལ་ནུས་གཅིག་བསྡུས་བྱས་ཡོད།

དེ་མིན། ང་ཚོས་ཁྱེད་ལ་བརྡ་འཕྲིན་མཉམ་གཏོང་དང་སྤྱོད་མཁན་གྱི་ཡིད་ཚིམ་ཚད་བརྟག་དཔྱད། སྤྱོད་མཁན་གྱི་ཉམས་ལེན་ལེགས་བཅོས་འཆར་གཞི། མི་སྒེར་གྱི་ཁྱད་ཆོས་ལྡན་པའི་འོས་སྦྱོར་དང་ནང་དོན་ཉེན་ཁ་ཚོད་འཛིན་སོགས་ཀྱི་རྩོལ་ནུས་མཁོ་འདོན་བྱ་སྲིད།

ཁྱེད་ཀྱིས་བསམ་ཤེས་དང་མོས་མཐུན་གནང་བར། ཞབས་ཞུ་འདིའི་ཞིབ་ཕྲའི་ཞབས་ཞུའི་ནང་དོན་ནི་ཧྭ་ཝེ་ཡིས་ད་ལྟའི་གནས་ཚུལ་དང་ད་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས་ཁྱེད་རང་ལ་མཁོ་འདོན་བྱེད་པ་ཡིན། ཧྭ་ཝེ་ལ་རང་ཉིད་ཀྱིས་ཞབས་ཞུ་འདིའི་རྣམ་པ་དང་ཞིབ་ཕྲའི་ནང་དོན་གཏན་འཁེལ་བྱེད་དབང་ཡོད་པ་དང་། ཧྭ་ཝེ་ལ་རང་ཉིད་ཀྱིས་ཞབས་ཞུ་འདིའི་ཆ་ཤས་སམ་ཡང་ན་ཡོངས་རྫོགས་ཀྱི་ཞབས་ཞུ་བསྒྱུར་བཅོས་དང་། བར་མཚམས་འཇོག་པའམ་ཡང་ན་མཇུག་སྒྲིལ་བའི་དབང་ཆ་ཡོད།

6 ཉོ་སྒྲུབ།

ཁྱེད་ཀྱིས་ཁས་ལེན་དང་མོས་མཐུན་གསལ་བོར་བྱ་རྒྱུར། ཧྭ་ཝེས་ཞབས་ཞུ་དམིགས་བསལ་ཁ་ཤས་ལ་གྲོན་དངུལ་ལེན་པ་དང་ཡང་ན་ཞབས་ཞུའི་རིན་གོང་བརྗེ་བའི་དབང་ཆ་ཡོད། ཡང་ན་ལས་སྒོ་གཉེར་སྐྱོང་གི་གནས་ཚུལ་འགྱུར་ལྡོག་ལ་གཞིགས་ནས་ཁྱེད་རང་གི་ཁེ་དབང་ལ་འགྱུར་བ་གཏོང་དབང་ཡོད། གལ་ཏེ་ནུས་ཐོན་ཁྲིམས་སྲོལ་གྱི་དགོས་འདུན་ལྟར་སྤྱོད་མཁན་ལ་སྔོན་དུ་བརྡ་གཏོང་དགོས་ཚེ། ཧྭ་ཝེ་ཡིས་དེ་སྔོན་གྱི་འོས་འཚམས་དུས་ཚོད་ནང་དུ་ཁྱེད་ལ་བརྡ་གཏོང་བ་ཡིན། རིན་གོང་གསར་པ་ཡང་ན་ཁེ་དབང་སྒྲིག་སྲོལ་ལ་ནུས་པ་ཐོན་རྗེས། ཁྱེད་ཀྱིས་འགྱུར་ལྡོག་བྱུང་ཟིན་པའི་རིན་གོང་གསར་པར་དང་ལེན་བྱས་ནས་མུ་མཐུད་དུ་ཞབས་ཞུ་འདི་བེད་སྤྱོད་དགོས། གལ་ཏེ་ཁྱེད་ཀྱིས་ལེགས་སྒྲིག་བྱས་རྗེས་ཀྱི་རིན་གོང་ངམ་སྒྲིག་སྲོལ་དང་ལེན་ཡེད་པར་མོས་མཐུན་བྱེད་ཐབས་མེད་ན། ཁྱེད་རང་ལ་ཞབས་ཞུ་འདི་སྤྱོད་མཚམས་འཇོག་པའི་དབང་ཆ་ཡོད།

7 རྩིས་ཐོའི་བདེ་འཇགས།

ཁྱེད་ཀྱིས་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་སྤྱོད་མཁན་གྱི་མིང་དང་གསང་ཨང་། ཉེར་སྤྱོད་ནང་གི་ཉོ་སྒྲུབ་ཀྱི་གསང་ཨང་སོགས་ཀྱི་ཆ་འཕྲིན་(གཤམ་ནས་རྩིས་ཐོ་དང་ཉོ་ཚོང་གི་ཆ་འཕྲིན་ཞེས་འབོད་རྒྱུ།)ལ་དོ་དམ་ཉར་ཚགས་ཡག་པོ་བྱེད་དགོས། མི་གང་རུང་ལ་འདིའི་རིགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་མི་རུང་། ང་ཚོས་ཁྱེད་ལ་བདེ་འཇགས་རིམ་པ་མཐོ་བའི་གསང་གྲངས་འདེམས་པ་མ་ཟད་གསང་གྲངས་འདི་ཉར་ཚགས་ལེགས་པོ་བྱེད་རྒྱུའི་བསམ་འཆར་འདོན། ཁྱེད་ལ་ཁྱེད་ཀྱི་གསང་གྲངས་བདེ་འཇགས་ལ་ཁག་ཐེག་བྱེད་པར་འགན་འཁྲི་ཡོད། གལ་ཏེ་ཁྱེད་ཀྱིས་རྩིས་ཐོ་དང་ཉོ་ཚོང་ཆ་འཕྲིན་གྱི་ཞིབ་ཕྲ་ཕྱོགས་གསུམ་པར་མཁོ་འདོན་བྱེད་ཚེ། དེ་ལས་བྱུང་བའི་གྱོང་གུན་དང་འགན་འཁྲི་གང་རུང་ཁྱེད་རང་སྒེར་གྱིས་འཁུར་དགོས།

གལ་ཏེ་ཁྱེད་ནས་མི་གཞན་གྱིས་ཁྱེད་ཀྱི་ཐོ་ཁོངས་དང་ཚོང་གཉེར་གྱི་ཆ་འཕྲིན་བེད་སྤྱོད་པའི་དོགས་གཞི་ཡོད་ཚེ། ཁྱེད་ཀྱིས་ང་ཚོ་དང་འབྲེལ་གཏུག་གནང་ཞེས་པའི་ས་བཅད་ནང་གི་འབྲེལ་གཏུག་གི་ཆ་འཕྲིན་བརྒྱུད་དེ་འཕྲལ་དུ་ང་ཚོར་བཤད་དགོས། ཁྱེད་ཀྱིས་མི་གཞན་དག་གི་ཧྭ་ཝེའི་ཐོ་ཨང་བེད་སྤྱད་ནས་ཞབས་ཞུ་འདིར་བཀོལ་སྤྱོད་དང་ལྟ་སྤྱོད་བྱ་མི་ཆོག དེ་ལས་བྱུང་བའི་རྩོད་གཞི་ནི་ཁྱེད་རང་གིས་འགན་འཁུར་དགོས། ཁྱེད་ཀྱིས་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་ཁྱེད་ཀྱི་རྩིས་ཐོ་དང་ཉོ་ཚོང་ཆ་འཕྲིན་ལ་སྲུང་སྐྱོབ་བྱས་ཏེ། ཕྱོགས་གསུམ་པས་དབང་སྤྲོད་མ་བརྒྱུད་པར་ཁྱེད་ཀྱི་གོང་གི་ཆ་འཕྲིན་བཀོལ་སྤྱོད་བྱེད་པ་འགོག་དགོས།

8 བེད་སྤྱོད་ཀྱི་སྒྲིག་གཞི།

ཁྱེད་ཀྱིས་ཁྲིམས་མཐུན་ཀུན་སྤྱོད་ཀྱི་རྣམ་པས་གྲོས་མཐུན་འདི་ལྟར་ཞབས་ཞུ་འདིར་ལྟ་སྤྱོད་དང་བེད་སྤྱོད་བྱེད་པར་ཁས་ལེན་དང་མོས་མཐུན་བྱས།

ཁྱེད་ཀྱིས་ཞབས་ཞུ་འདི་བརྒྱུད་ནས་གཤམ་གསལ་གྱི་ངོ་བོ་ལྡན་པའི་ནང་དོན་གང་ཡང་བརྒྱུད་གཏོང་བྱེད་མི་ཆོག་པའམ་ཡང་ན་གཞན་གྱི་བྱེད་ཐབས་བརྒྱུད་ནས་གཤམ་གསལ་གྱི་ངོ་བོ་ལྡན་པའི་བྱེད་སྒོ་གང་རུང་ནང་ཞུགས་མི་ཆོག་པ་དང་སྤེལ་མི་ཆོག་པ་སྟེ།

(a) ཡར་སྐྱེལ། ཕབ་ལེན། གསོག་འཇོག འདྲ་བཤུས། ཁྱབ་སྤེལ། སྐྱེལ་གཏོང་། གློག་ཡིག་ཐོག་ནས་བསྐུར་བ་ཡང་ན་གཞན་གྱི་བྱེད་ཐབས་ཐོག་ནས་གཤམ་གྱི་བཅས་ཁྲིམས། ཁྲིམས་སྲོལ་དང་སྲིད་ཇུས་ཀྱིས་བཀག་འགོག་བྱས་པའི་ནང་དོན་མཁོ་འདོན་བྱེད་པ།

i. རྩ་ཁྲིམས་ནང་གཏན་ལ་ཕབ་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པ།

ii. རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བ། རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་བྱེད་པ། རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་བྱེད་པ། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བཤིག་གཏོང་བ།

iii. རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་དབང་ལ་གནོད་འཚེ་གཏོང་བ།

iv. མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་ཀྱི་མཐོང་ཆུང་ངན་སྐུལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ།

v. རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་གཏོར་བརླག་དང་ཆོས་ལོག་སྒྲོག་སྤེལ་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སྒྲོག་སྤེལ་བྱས་པ།

vi. དཀྲོག་གཏམ་བཤད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ།

vii. འདོད་སྲེད་དང་། ཆགས་སྲེད། རྒྱན་འཛུགས། དྲག་ཤུགས། དམར་གསོད། འཇིགས་སྐུལ་ཁྱབ་སྤེལ་ལམ་ཡང་ན་ངན་སྐུལ་བྱས་ནས་བྱས་ཉེས་བསགས་རིགས།

viii. གཞན་ལ་བརྙས་བཅོས་དང་སྐྱོན་འདོགས་པ། གཞན་གྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་འཚེ་བ།

ix. སྤྱི་ཚོགས་ཐུན་མོང་གི་སྤྱོད་བཟང་ངམ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་གནོད་འཚེ་གཏོང་བ།

x. ཕྱོགས་གསུམ་པ་གང་རུང་ཞིག་གི་ཆེད་ཁེའི་བདག་དབང་དང་། རྩོམ་གྱི་བདག་དབང་། ཚོང་རྟགས་ཀྱི་བདག་དབང་། མིང་གྲགས་ཐོབ་དབང་བཅས་དང་ཡང་ན་ཁྲིམས་མཐུན་ཁེ་དབང་གཞན་དག་གང་རུང་ཞིག་ལ་གནོད་འཚེ་བཏང་རིགས།

xi. བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་ནང་དོན་གཞན་དག་གི་ཆ་འཕྲིན་ཡོད་པ།

(b) གཞན་གྱི་སྒེར་གསང་དབང་ཆ། ཚོང་ལས་ཀྱི་གསང་བ། ཚོང་རྟགས་ཀྱི་དབང་ཆ། རྩོམ་དབང་། ཆེད་ཁེའི་བདག་དབང་དང་ཁེ་དབང་གཞན་ལ་གནོད་སྐྱེལ་བ།

(c) ཁྲིམས་འགལ་གྱི་ཚོང་གང་རུང་གཉེར་བ་སྟེ། དཔེར་ན་མེ་མདའ་དང་། དུག་རྫས། བཀག་ཡོད་པའི་སྨན་བཙོང་བ་དང་བཀག་རྫས་ལྐོག་པར་བྱེད་པ།

(d) སྒོར་འཁྲུད་དང་དངུལ་བཤུག་སོགས་ཀྱི་ཁྲིམས་མིན་བྱ་འགུལ་བྱེད་པའམ་བྱེད་པར་འཆར་འགོད་བྱེད་པ།

(e) ཞབས་ཞུ་འདིའི་ནང་གི་པར་དབང་། ཚོང་རྟགས་སམ་གཞན་གྱི་གཅིག་པུར་ཡོད་པའི་བརྡ་ཐོ་གང་རུང་ཞིག་སུབ་པ།

(f) ཞབས་ཞུ་འདིའི་ནང་དོན་ཡོངས་རྫོགས་འདྲ་བཟོ་དང་ཡང་ན་བཟོ་བཅོས་བྱེད་པ། ཡང་ན་ཞབས་ཞུ་འདི་དང་དེའི་ནང་གི་ཆ་ཤས་གང་རུང་གོ་རིམ་གཞན་པ་གང་རུང་དང་ཟླ་སྒྲིལ་བྱེད་པའམ་ཡང་ན་གོ་རིམ་གཞན་གང་རུང་དང་མཉམ་བསྲེས་བྱེད་པ།

(g) དབང་སྤྲོད་མེད་པར་ཞབས་ཞུ་འདི་ལྟ་སྤྱོད་བྱ་བའམ་ལྟ་སྤྱོད་བྱ་བའི་ཚོད་ལྟ་བྱེད་པ། ཡང་ན་ཞབས་ཞུ་འདིའམ་འབྲེལ་ཡོད་རྒྱུད་ཁོངས་སམ་དྲ་རྒྱའི་ཆ་ཤས་གང་ཞིག་ལ་གནོད་འཚེ་གཏོང་བ།

(h) ཞབས་ཞུ་འདིའམ་འདིའི་ཁག་གང་རུང་ཞིག་དབྱེ་ཕྲལ་དང་ཨང་འབྱེད་དམ་ལྡོག་ཕྱོགས་གསར་སྤེལ་བྱེད་པ། ཡང་ན་ཞབས་ཞུ་འདིའམ་འདིའི་ཁག་གང་རུང་ཞིག་ལ་གཞིགས་ནས་འབྲེལ་བྱུང་བརྩམས་ཚས་རྩོམ་སྒྲིག་བྱེད་པ། ཡང་ན་བཅའ་ཁྲིམས་ཀྱི་བཀག་སྡོམ་སྤྱད་འཐུས་ཀྱི་བྱེད་སྒོ་རིགས་འདྲར་ཞུགས་འདོད་པ།

(i) ཞབས་ཞུ་འདི་བགོས་འགྲེམ། ཆོག་མཆན། བོགས་མར་གཏོང་བ། འཚོང་བ། བརྒྱུད་འཚོང་། ནང་བཤུག་གཏོང་བ། འཛེམ་བག་མེད་པར་སྟོན་པ། འཛེམ་བག་མེད་པར་འཁྲབ་པ། སྐྱེལ་འདྲེན། གཏོང་བ། ཁྱབ་སྤེལ་ལམ་གཞན་གྱི་བྱ་ཐབས་ཐོག་ནས་བེད་སྤྱོད་པ།

(j) སྔོན་ནས་ཧྭ་ཝེའི་ཡིག་ཐོག་ཆོག་མཆན་མེད་པར། རྣམ་པ་གང་རུང་གི་ཐོག་ནས་ཞབས་ཞུ་འདིའི་ཆ་ཚང་ངམ་ཁ་ཤས་ཀྱི་ནང་དོན་ (དེའི་ནང་དུ་དངོས་རྟགས་དང་ཐོག་མའི་ཚབ་རྟགས་ཚུད་ཡོད།) ཡར་འབུལ་བའམ་བྱ་ཐབས་གཞན་གྱི་ཐོག་ནས་མི་གང་རུང་ཞིག་ལ་མཁོ་འདོན་བྱེད་པ།

(k) མི་གཞན་པར་བརྫུ་བ་དང་མིང་གཞན་པར་བརྫུ་བ། དེ་བཞིན་རྣམ་པ་གཞན་ལྟར་ཁྱེད་དང་མི་ག་གེ་མོའམ་གཙོ་གཞི་ག་གེ་མོའི་འབྲེལ་བ་རྫུན་བཤད་བྱེད་པ།

(l) ཁྲིམས་འགལ་གྱི་དམིགས་ཡུལ་གཞིར་བཟུང་ནས། ཁྲིམས་འགལ་རྣམ་པ་གང་རུང་ངམ་གྲོས་མཐུན་འདི་ལས་བརྒལ་བའི་བྱ་ཐབས་ཐོག་ནས་ཞབས་ཞུ་འདི་(འདིའི་ཆ་ཤས་གང་རུང་ཞིག)སྤྱོད་པ།ཡང་ན་མགོ་སྐོར་གཡོ་འཕྲུལ་ལམ་བསམ་ངན་གྱི་བྱ་སྤྱོད་གང་ཞིག་སྤེལ་བ། དེའི་ནང་དུ་ཞབས་ཞུ་འདི་(ཡང་ན་ཞབས་ཞུ་འདིའི་སྦྲེལ་བའི་དྲ་ཚུགས།)ལ་ནང་འཛུལ་གནོད་སྐྱེལ་བ། བཀོལ་སྤྱོད་རྒྱུད་ཁོངས་གང་རུང་ཞིག་གམ་དེའི་ནང་དུ་བསམ་ངན་ཚབ་རྟགས་འཇུག་པ་ཚུད་ཡོད་ལ་དེས་མི་ཚད།དེའི་ནང་དུ་ནད་དུག་གམ་གནོད་ཅན་གཞི་གྲངས་ཚུད་ཡོད།

(m) ཞབས་ཞུ་འདིར་ལྟ་སྤྱོད་དང་/ཡང་ན་བེད་སྤྱོད་བྱེད་སྐབས་ཧྭ་ཝེའམ་ཕྱོགས་གསུམ་པ་གང་རུང་གི་ཤེས་རིག་ཐོན་དབང་ལ་གནོད་འཚེ་གཏོང་བ།

(n) ཞབས་ཞུ་འདིའི་སྤྱོད་མཁན་གྱི་ཆ་འཕྲིན་འཚོལ་བསྡུ། ཡང་ན་རང་འགུལ་ཅན་གྱི་བྱ་ཐབས་སྤྱད་ནས་ཞབས་ཞུ་འདིའམ་ཧྭ་ཝེའི་རྒྱུད་ཁོངས་ལྟ་སྤྱོད་བྱེད་པ། ཡང་ན་ཡིག་སྒྱུར་རྟོལ་ནས་ཞབས་ཞུ་འདི་འཁོར་སྐྱོད་བྱེད་པའི་ཞབས་ཞུ་ཆས་སུ་ནང་དོན་གང་རུང་སྐྱེལ་འདྲེན་བྱེད་པའམ་དེའི་ནང་ནས་ནང་དོན་གང་རུང་ལེན་ཐབས་བྱེད་པ།

(o) མཉེན་ཆས། སྒྲིག་ཆས། མ་གཞུང་ངམ་གཞན་གྱི་བྱེད་ཐབས་སམ་འཕེལ་རིམ་ (དེའི་ནང་དུ་འཛེག་འབུའི་མཉེན་ཆས། བཤར་ཆས་ཀྱི་བར་གཞུག་གམ་གཞན་གྱི་ལག་རྩལ་ལམ་མིས་བྱེད་པའི་ལས་ཀ་གང་རུང་ཞིག་ཚུད་ཡོད།) བཅས་གསར་སྤེལ་རྒྱབ་སྐྱོར་རམ་བེད་སྤྱོད་ནས་ཞབས་ཞུ་འདི་ཧབ་བསྡུ་བྱེད་པའམ་གཞན་གྱི་བྱ་ཐབས་ཐོག་ནས་ཞབས་ཞུ་འདིའི་ནང་གི་སྤྱོདམཁན་གྱི་ཆ་འཕྲིན་དང་གཞན་གྱི་གཞི་གྲངས་འདྲ་བཤུ་བྱེད་པ།

(p) ཧྭ་ཝེ་ཡིས་སྔོན་ལ་ཡིག་ཐོག་ནས་ཆོག་མཆན་མ་ཐོབ་པར་ཞབས་ཞུ་འདི་ཚོང་ལས་ཀྱི་སྤྱོད་སྒོར་སྤྱོད་པ།

(q) ཞབས་ཞུ་འདི་བེད་སྤྱད་ནས་ཁྲིམས་འགལ་གྱི་ཚོང་ལས་ཉོ་ཚོང་གང་ཞིག་སྒྲུབ་པ། དཔེར་ན་མཚོན་ཆ་དང་དུག་རྫས། ཁྲིམས་འགལ་དངོས་པོ། ལྐོག་པར་གྱི་མཉེན་ཆས་སམ་གཞན་གྱི་བཀག་རྫས་བར་ཚོང་རྒྱག་པ།

(r) རྒྱན་འགྱེད་ཆ་འཕྲིན་འདོན་སྤྲོད་བྱེད་པའམ་ཡང་ན་བྱེད་ཐབས་གང་རུང་སྤྱད་དེ་མི་གཞན་སླུ་བྲིད་བྱས་ནས་རྒྱན་འཛུགས་པ།

(s) མི་གཞན་གྱི་ཐོ་འཇུག་ཆ་འཕྲིན་སློང་བའམ་ཡང་ན་མི་གཞན་གྱི་ཐོ་ཨང་ལ་ལྟ་བ།

(t) དངུལ་བཀྲུ་དང་ལག་དངུལ་གྱི་ཁེ་བཟང་ཐོབ་ཐབས་བྱེད་པའམ་བརྒྱུད་འཚོང་བཅས་ཀྱི་བྱེད་སྒོའི་ནང་དུ་ཞུགས་པ།

(u) གྲོས་མཐུན་འདི་དང་འགལ་བ།(ཡང་ན་དེའི་ནང་གི་ཆ་ཤས་གང་རུང་།)ཡང་ན་བྱ་སྤྱོད་དེ་རིགས་ལ་སྐུལ་འདེད་དང་ངན་སྐུལ་བྱེད་པ། ཡང་ན།

(v) ཞབས་ཞུ་འདི་བེད་སྤྱོད་སྐབས་ཞབས་ཞུ་འདི། ཧྭ་ཝེའི་རྒྱུད་ཁོངས་ཡང་ན་དེའི་བདེ་འཇགས་ལ་གནོད་སྐྱོན་དང་། བཀག་འགོག ཞན་དུ་གཏོང་བའམ་ཡང་ན་ཉེན་ཁ་བཟོས་པ་དང་། ཡང་ན་དེའི་ཐེག་བརྒལ་བྱས་ནས་སྤྱོད་མཁན་གཞན་དག་གམ་ཡང་ན་ཕྱོགས་གཞན་དག་གི་གློག་ཀླད་རྒྱུད་ཁོངས་ལ་འགོག་རྐྱེན་བཟོ་བ། དབང་སྤྲོད་མེད་པའི་སྒོ་ནས་ཞབས་ཞུ་འདི་དང་ཧྭ་ཝེ་ཡི་ནང་དོན་ཡང་ན་གཞི་གྲངས་ལ་བཙན་འཛུལ་བྱེད་པའམ་ཡང་ན་ལྟ་སྤྱོད་བྱེད་པ།

(w) གཞན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་སྲོལ་དང་སྲིད་ཇུས་ཀྱི་བཀའ་ཁྲིམས་བཅས་སམ་གྲོས་མཐུན་འདི་ལ་འགལ་བའི་སྤྱོད་པ།

9 ཧྭ་ཝེའི་ནང་དོན།

བཅའ་ཁྲིམས་ཁྲིམས་སྲོལ་ལ་གཏན་འབེབས་གཞན་ཡོད་པའམ་ཁྱེད་དང་ཧྭ་ཝེའི་དབར་དུ་ཁ་ཆད་གཞན་ཡོད་པ་མ་གཏོགས། ཧྭ་ཝེ་དང་/ཡང་ན་ཧྭ་ཝེ་ཡི་སྟོད་ཕྱོགས་ཆོག་འཐུས་མཁན་གྱིས་ཞབས་ཞུ་འདིའམ་ཡང་ན་ཞབས་ཞུ་འདིར་བརྟེན་ནས་ཐོབ་པའི་ཆ་འཕྲིན་ཚང་མ། དེའི་ནང་དུ་ཡིག་དེབ་དང་། བརྙན་ཟློས་དང་སྒྲ་ཟློས། པར་རིས། རིས་རྟགས། ཉེར་སྤྱོད། ཇུས་འགོད། མཉེན་ཆས། རྐང་དེབ། གོ་རིམ། པར་དབང་། ཚོང་རྟགས། མཚོན་ཨང་། མཚོན་རྟགས་དེ་མིན་དཔྱད་ཡིག་དང་ཞབས་ཞུ་གཞན་དག་བཅས་ཚུད་ཡོད་ཀྱང་དེ་ལས་ཁྱབ་རྒྱ་ཆེ་བ་ཡོད། དེ་བཞིན་གོང་གསལ་ནང་དོན་གྱི་ཕྱི་ཚུལ་དང་ཉམས་ལེན་ (གཤམ་ནས་མཉམ་དུ་ཧྭ་ཝེའི་ནང་དོན་ཞེས་འབོད།) དབང་ཆ་ཚང་མ་སོར་འཇོག་བྱ་རྒྱུ་ཚུད་ཡོད། གྲོས་མཐུན་འདིར་གཏན་འབེབས་གཞན་ཡོད་པ་མ་གཏོགས། ཁྱེད་ཀྱིས་ཞབས་ཞུ་འདི་ལ་ལྟ་སྤྱོད་དང་/ཡང་ན་བེད་སྤྱོད་བྱེད་པས་ཞབས་ཞུ་འདིའམ་འདིའི་ནང་གི་ནང་དོན་གྱི་བདག་དབང་གང་རུང་བརྒྱུད་སྤོ་བྱེད་པར་མི་བརྩི།

ཁྱེད་ཀྱིས་བྱེད་ཐབས་གང་རུང་བརྒྱུད་དེ་ཧྭ་ཝེའི་ནང་དོན་ལ་བཟོ་བཅོས་དང་འདྲ་བཤུས། བསྡུ་ལེན། དག་བཅོས་སམ་ཁ་སྣོན་བྱེད་མི་ཆོག་ཅིང་། ཕྱིར་ཚོང་དང་འདྲ་བཤུ། ཁྱབ་བརྡལ། ཆོག་མཆན་བཀོད་པའམ་གང་འདོད་དུ་ཧྭ་ཝེའི་ནང་དོན་བེད་སྤྱོད་མི་ཆོག གལ་ཏེ་ཁྱེད་ཀྱིས་ཧྭ་ཝེའི་ནང་དོན་བསྐྱར་དུ་ཁྱབ་སྤེལ་དང་ལེན་པ། འདྲ་བཤུས། བརྒྱུད་བསྒྲགས་སམ་དེ་མིན་གྱི་བྱ་ཐབས་སྤྱོད་དགོས་ན། ངེས་པར་དུ་སྔ་ནུར་དུ་ཧྭ་ཝེ་དང་འབྲེལ་བ་དགོས་པ་མ་ཟད་ཧྭ་ཝེའི་དོན་སྒྲུབ་ཀྱི་ཡིག་ཐོག་ཆོག་མཆན་རག་པ་བྱེད་དགོས། གྲོས་མཐུན་འདིས་གསལ་པོར་གསལ་བཤད་བྱས་པའི་གནས་ཚུལ་ཕུད། འདིས་ཁྱེད་རང་གིས་སྤྱད་འཐུས་གྱི་བཙན་ཐབས་བཅའ་ཁྲིམས་ལ་ཡོད་པའི་ཁེ་དབང་གང་རུང་ལ་གཞིར་བཟུང་རྒྱུར་ཤུགས་རྐྱེན་མི་ཐེབས།

གལ་ཏེ་ཁྱེད་ཀྱིས་ཞབས་ཞུ་འདིའམ་འདིའི་ཁག་ཅིག་གིས་པར་དབང་དང་ཚོང་རྟགས། ཆེད་ཁེ། ཚོང་དོན་སྒེར་གསང་ཡང་ན་ཤེས་རིག་ཐོན་དབང་གཞན་པར་གནོད་སྐྱོན་གཏོང་བར་ངོས་འཛིན་པའམ། ཡང་ན་ཁྱེད་ལ་ཞབས་ཞུ་འདིའི་སྐོར་གྱི་དོགས་གནད་གང་རུང་ཡོད་ན། ང་ཚོ་དང་འབྲེལ་གཏུག་ཅེས་པའི་ས་བཅད་ནང་གི་འབྲེལ་གཏུག་ཆ་འཕྲིན་བརྒྱུད་ནས་འཕྲལ་དུ་ང་ཚོ་ལ་བཤད་རོགས།

10 སྤྱོད་མཁན་གྱི་ནང་དོན།

སྤྱོད་མཁན་གྱི་ནང་དོན་ནི་སྤྱོད་མཁན་གྱིས་ཞབས་ཞུ་འདི་བེད་སྤྱོད་པ་བརྒྱུད་ནས་གྲུབ་པའི་ཆ་འཕྲིན་དང་ནང་དོན། རྒྱུ་ཆ་བཅས་ལ་ཟེར་བ་སྟེ། དཔེར་ན་རིས་དབྱིབས། ཡི་གེ། བརྙན་རིས། སྐད་སྒྲ། བརྙན་ཟློས། མཉེན་ཆས། གཞི་གྲངས་ཡིག་ཆ་སོགས། ཁྱེད་ཀྱིས་སྒེར་ཚིགས་ཀྱིས་ཁྱེད་དམ་ཁྱེད་ཀྱི་དྲ་གྲངས་ཀྱི་མིང་ཐོག་ནས་ཡར་བསྐུར་བ་དང་ཕབ་ལེན། ཁྱབ་སྤེལ། གློག་ཡིག་བརྒྱུད་ནས་བསྐུར་བ་དང་བརྒྱུད་སྐུར། གསོག་འཇོག་བཅས་བྱས་པའི་སྤྱོད་མཁན་གྱི་ནང་དོན་གང་རུང་ལ་ཡོངས་རྫོགས་ཀྱི་འགན་འཁྲི་འཁུར་དགོས། ཧྭ་ཝེ་ཡིས་སྤྱོད་མཁན་ནང་དོན་ལ་མི་ཐུག་པའམ་ཚོད་འཛིན་མི་བྱེད་པས། ཧྭ་ཝེ་ཡིས་སྤྱོད་མཁན་གྱི་ནང་དོན་གང་རུང་གི་ཡང་དག་རང་བཞིན་དང་ཆ་ཚང་རང་བཞིན། འོས་འཚམས་རང་བཞིན་བཅས་ལ་འགན་ལེན་བྱེད་མི་ཐུབ། ཁྱེད་ཀྱིས་ཞབས་ཞུ་འདིའི་སྤྱོད་མཁན་གཞན་གྱི་སྤྱོད་མཁན་ནང་དོན་བེད་སྤྱད་ནས་བྱུང་བའི་ཉེན་ཁ་ལ། ཁྱེད་རང་ཉིད་ཀྱིས་རང་སྒེར་གྱིས་ཉེན་ཁ་ཆ་ཚང་འཁུར་བ་དང་། ཧྭ་ཝེ་ཡིས་ཁྱེད་ཀྱིས་འདོད་པར་རྙིང་རུལ་དང་ཞེན་ལོག མི་ལེགས་པ་ཡང་ན་མི་འཚམས་པའི་སྤྱོད་མཁན་དོན་དོན་གང་རུང་ལ་འགན་འཁྲི་གང་ཡང་མི་འཁུར་བར་མོས་མཐུན་བྱེད།

11 སྒེར་གསང་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་།

ང་ཚོས་ཁྱེད་རང་གི་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་སྲུང་སྐྱོང་ལ་མཐོང་ཆེན་ཚད་མེད་བྱེད། ཁྱེད་ཀྱིས་རྒྱུས་ལོན་དང་མོས་མཐུན་ཡོད་པ་ནི། ཁྱེད་ཀྱིས་ཞབས་ཞུ་འདི་བེད་སྤྱོད་བྱེད་པའི་གོ་རིམ་ཁྲོད། ཞབས་ཞུ་འདི་མཁོ་སྤྲོད་བྱེད་པར་ངེས་པར་མཁོ་བའི་དམིགས་ཡུལ་ལམ་ཁྱེད་ཀྱི་མོས་མཐུན་ཡོད་པའི་དབང་གིས། ང་ཚོས་ཧྭ་ཝེའི་རིག་ལྡན་འཚོ་བ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས་("https://privacy.consumer.huawei.com/legal/smarthome/privacy-statement.htm?code=CN&branchid=3000&language=bo-cn")(གསང་བའི་གསལ་བསྒྲགས།)ལྟར་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་ངེས། དེར་བརྟེན། ཁྱེད་ཀྱིས་ལོགས་སུ་གསལ་སྟོན་བྱས་པའི་གསང་བའི་གསལ་བསྒྲགས་ཞིབ་ཀློག་བྱས་ཏེ། ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་དམིགས་ཡུལ་དང་། བྱེད་ཐབས། ཐག་གཅོད་བྱས་པའི་མི་སྒེར་གྱི་ཆ་འཕྲིན་རིགས། ཉར་ཚགས་དུས་བཅད། སྤྱོད་མཁན་གྱི་དབང་ཆ་ལག་བསྟར་བྱེད་སྟངས་དང་ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཆེད་བཏོན་པའི་ཐབས་ཇུས་སོགས་ཆ་འཕྲིན་རྒྱུས་ལོན་བྱེད་པ།

རིག་ལྡན་སྒྲིག་ཆས་ཁ་ཤས་ཀྱིས་ཁྱེད་ཡོད་སའི་ཁོར་ཡུག་ཁྲོད་ཀྱི་ཁོངས་མི་གཞན་པའི་ཆ་འཕྲིན་ཐག་གཅོད་བྱ་སྲིད། གལ་ཏེ་ཁྱེད་ཀྱིས་སྒྲིག་ཆས་འདི་རིགས་སྤྱད་དེ་སྤྱོད་མཁན་གཞན་པའི་ཆ་འཕྲིན་ཐག་གཅོད་བྱེད་ན། ཁྱེད་ཀྱིས་ཁོ་ཚོའི་མོས་མཐུན་ཐོབ་ཡོད་པར་ཁག་ཐེག་བྱེད་དགོས། དེ་མིན། ཁྱེད་ཀྱིས་སྒྲིག་ཆས་འདི་རིགས་མི་མང་འཛོམས་སར་འཇོག་པར་སྔོན་འགོག་བྱེད་དགོས།

12 འོས་འགན་མེད་པའི་གསལ་བཤད།

ཞབས་ཞུ་འདི་ནི་ཁྱེད་མི་སྒེར་ཁོ་ནར་བེད་སྤྱོད་པར་མཁོ་འདོན་བྱས་པ་ཡིན། ཕྱོགས་གསུམ་པ་གང་རུང་གིས་བེད་སྤྱོད་པར་མཁོ་འདོན་བྱ་མི་རུང་། ཁྱེད་ཀྱིས་མོས་མཐུན་བྱ་རྒྱུར། དབང་ཆ་མ་ཐོབ་པར་ཞབས་ཞུ་འདི་བཀོལ་སྤྱོད་བྱས་པ་ལས་བྱུང་བའི་གྱོང་གུན་གང་རུང་ལ་ཧྭ་ཝེ་དང་ཧྭ་ཝེའི་འབྲེལ་ཡོད་ཀུང་སི། འགན་འཁུར་བ། སྤྱི་ཁྱབ་ལས་འཛིན་པ། ལས་མི། འགན་གཙང་ལེན་ཚོང་པ། ལས་ཚབ། ཕྱོགས་གསུམ་པའི་གཏོང་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་མཁན་ཚོང་པ་དང་། མཉམ་ལས་རོགས་ཟླ། ཆོག་འཐུས་མཁན་བཅས་དང་། དེ་བཞིན་བརྒྱུད་ཚོང་ཁང་(གཤམ་དུ་ཧྭ་ཝེའི་ཕྱོགས་ཞེས་འབོད་རྒྱུ།)བཅས་ཀྱིས་འགན་འཁྲི་གང་ཡང་འཁུར་མི་དགོས།

ཞབས་ཞུ་འདི་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཚོད་འཛིན་མི་ཐུབ་པའི་རྒྱུ་མཚན་གྱིས་རྐྱེན་པས་དུས་ཡུན་རྒྱུས་མེད་ནང་བར་མཚམས་ཆད་སྲིད་པ་དང་ནར་འགྱངས་བྱེད་སྲིད་པ། ཡང་ན་འགལ་རྐྱེན་བཟོ་སྲིད། ཁྱེད་ཀྱིས་མོས་མཐུན་བྱ་རྒྱུར། གོང་བརྗོད་ཀྱི་བར་མཚམས་ཆད་པ་དང་ནར་འགྱངས། འགལ་རྐྱེན་བཟོ་བའམ་རིགས་འདྲའི་ཆག་སྐྱོན་གྱིས་བཟོས་པའམ་དེ་དང་འབྲེལ་ཡོད་ཀྱི་རྒྱུ་མཚན་ཞུ་འབུལ་གང་རུང་ཐད་ལ། ཧྭ་ཝེའི་ཕྱོགས་ཀྱིས་འགན་འཁྲི་གང་ཡང་མི་འཁུར།

བཅའ་ཁྲིམས་སྤྱད་ན་འཚམས་པའི་ཁྱབ་ཁོངས་ཆེ་ཤོས་ནང་ཁྱེད་རང་ངམ་ཡང་ན་མི་གཞན་དག་གང་ཞིག་ཡིན་རུང་གཤམ་གསལ་གྱི་རྒྱུ་མཚན་ལས་ལྟ་སྤྱོད་བྱེད་མི་ཐུབ་པའམ་ཡང་ན་ཞབས་ཞུ་དེ་སྤྱོད་མི་ཐུབ་པའི་རྐྱེན་གྱིས་གྱོང་གུན་བཟོས་རིགས་ལ་ཧྭ་ཝེའི་ཕྱོགས་ཀྱིས་འགན་འཁྲི་གང་ཡང་འཁུར་མི་དགོས།

(a) ཧྭ་ཝེ་ཡིས་རྒྱུད་ཁོངས་དང་མཉེན་མཁྲེགས་ཆས་ལ་སྲུང་སྐྱོང་དང་། ཡང་ན་རིམ་སྤོར་བྱས་པའི་དབང་གིས་ཞབས་ཞུ་འདི་བར་མཚམས་འཇོག་པའམ་ཡང་ན་མཇུག་བསྒྲིལ་བ།

(b) ཧྭ་ཝེ་ལ་དབང་བ་མིན་པའམ་ཚོད་འཛིན་བྱེད་པ་མིན་པའི་རྒྱུད་ཁོངས་སམ་དྲ་རྒྱ་འཕྲིན་ནར་འགྱངས་བྱས་པའམ། ཡང་ན་ཆག་སྐྱོན་བྱུང་བ།

(c) ཧྭ་ཝེ་དང་ཕྱོགས་གསུམ་པའི་དངུལ་སྤྲོད་ཞབས་ཞུ་མཁོ་འདོན་ཚོང་པ་གང་ཞིག་བར་གྱི་གན་རྒྱའམ་དེ་མིན་གྱི་ཁ་ཆད་བར་མཚམས་འཇོག་པ་དང་རྩིས་མེད་དུ་གཏོང་བ། ཡང་ན་མཇུག་སྒྲིལ་བ།

(d) མགྲོན་ནག་གིས་རྒོལ་བའམ་ཡང་ན་དེ་དང་འདྲ་བའི་བདེ་འཇགས་ཀྱི་ཤུགས་རྐྱེན་གྱིས་ནོར་འཁྲུལ་བཟོས་པའམ་ཆད་པ།

(e) ཧྭ་ཝེའི་ལུགས་མཐུན་ཚོད་འཛིན་ལས་བརྒལ་བའི་རྒྱུ་མཚན་གཞན་དག

ཞབས་ཞུ་འདི་ད་ལྟའི་གནས་ཚུལ་དང་ད་ཡོད་ལྟར་མཁོ་འདོན་བྱེད་པ་ལས། རྣམ་པ་གང་རུང་གི་ཁག་ཐེག་གམ་རྒྱབ་ཤོག་ཏུ་མིང་རྟགས་མི་འགོད། ཁྲིམས་འཛིན་མངའ་ཁོངས་སྤྱད་འཐུས་ཀྱི་ཁྲིམས་ལུགས་ཀྱིས་ཆོག་མཆན་བྱེད་པའི་ཆེས་ཆེ་བའི་ཁྱབ་ཁོངས་སུ། ཧྭ་ཝེ་ཡིས་གཤམ་གསལ་གྱི་ཕྱོགས་ལ་མངོན་སུམ་མམ་ཟུར་གྱིས་ཁས་ལེན་དང་ཆ་རྐྱེན་ཡང་ན་གྲོས་ཆིངས་དག་ངོན་ལེན་མི་བྱེད་ན། དེ་ལ་ཁག་ཐེག་དང་དམ་བཅའ། གསལ་བསྒྲགས་སམ་ཁས་ལེན་བྱས་མེད།

(a) ཞབས་ཞུ་དེ་ཉིད་དམ་ཞབས་ཞུ་དེ་ཉིད་ལ་གཞིགས་ནས་ཐོབ་པའི་ནང་དོན་གང་རུང་གི་ཆ་ཚང་རང་བཞིན་དང་། གནད་འཁེལ་རང་བཞིན། ཡིད་རྟོན་རང་བཞིན་ནམ་དུས་ཐོག་རང་བཞིན།

(b) ཞབས་ཞུ་འདིའམ་ཞབས་ཞུ་འདི་ཐེག་འཁུར་བྱེད་པའི་ཞབས་ཞུ་ཆས་ལ་ཞན་ཆ་དང་ནོར་འཁྲུལ། ནད་དུག སྐྱོན་ཆ་དང་ཡང་ན་གཞན་པའི་གནོད་པའི་གཞི་རྒྱུ་ཡོད་མེད།

(c) ཞབས་ཞུ་འདིའི་འཁོར་སྐྱོད་དམ་རྩོལ་ནུས་ཐད་ཀྱི་ཞན་ཆ་དག་བཅོས་བྱེད་སྲིད་མིན།

(d) ཞབས་ཞུ་འདིའི་དམིགས་བསལ་གྱི་རྩོལ་ནུས་དང་འབྲེལ་བའི་ཁག་ཐེག་བྱེད་པའམ་ཡང་ན་ཁྱེད་ཀྱིས་ཞབས་ཞུ་འདིར་བཀོལ་སྤྱོད་དང་ལྟ་སྤྱོད་གནང་སྐབས་ཐོབ་པའི་ཆ་འཕྲིན་གང་རུང་ལ་བློས་འཁེལ་ཐུབ་མིན་དང་། སྤུས་དག་ཡིན་མིན་ནམ་ཡང་དག་ཡིན་མིན།

(e) ཞབས་ཞུ་འདི་བདེ་འཇགས་ཡིན་ལ་ནོར་འཁྲུལ་མེད་པ་ཡིན་མིན། དེ་བཞིན་

(f) ཞབས་ཞུ་འདི་བློ་གཏད་ཆོག་པ་དང་སྤུས་ལེགས། ཡང་དག བེད་སྤྱོད་རུང་བ་ཡིན་མིན། ཡང་ན་ཁྱེད་ཀྱི་དགོས་མཁོ་སྐོང་ཐུབ་མིན། ཆེད་བཙུགས་ཀྱི་མཇུག་འབྲས་ཐོན་མིན་ནམ་ཆེད་བཙུགས་ཀྱི་མཇུག་འབྲས་སམ་གྲུབ་འབྲས་མངོན་འགྱུར་ཐུབ་མིན། ཞབས་ཞུ་འདིའི་ཆ་ཚང་ངམ་ཁ་ཤས་ལ་བརྟེན་ཐབས་དང་བེད་སྤྱོད་དམ་འགྲེལ་བཤད་བྱ་བའམ་ཁྱེད་ (ཡང་ན་མི་གཞན་གང་རུང་།) ཀྱིས་ལྟ་སྤྱོད་དང་ཡང་ན་བེད་སྤྱོད་དུས་ཐོབ་པའི་ཆ་འཕྲིན་གྱིས་རྐྱེན་པའི་གྱོང་གུན་དང་གནོད་འཚེ་གང་ཞིག་ལ་ཧྭ་ཝེ་ཡིས་འགན་འཁྲི་ཅི་ཡང་མི་འཁུར།

རྒྱལ་ཁབ་ཁ་ཤས་ཀྱི་བཅའ་ཁྲིམས་ཀྱིས་གན་རྒྱའི་ནང་དུ་འགན་ལེན་ཁག་ཐེག་གམ་འོས་འགན་རྐྱེན་སེལ་ལམ་བཀག་སྡོམ་བྱེད་མི་ཆོག གལ་ཏེ་བཅའ་ཁྲིམས་འདི་དག་ཁྱེད་ལ་སྤྱད་ཆོག་ན། གོང་དུ་བཤད་པའི་ཕྱིར་འབུད་དམ་ཚོད་འཛིན་དོན་ཚན་ཚང་མ་དང་ཆ་ཤས་ཕལ་ཆེར་སྤྱད་ན་མི་འཚམ། གྲོས་མཐུན་འདིའི་ནང་གི་ནང་དོན་གང་རུང་གིས་ཁྱེད་རང་འཛད་སྤྱོད་པ་ཡིན་པའི་ཆ་ནས་མངའ་བའི་ཁྲིམས་གཏན་ཁེ་དབང་ལ་ཤུགས་རྐྱེན་མི་ཐེབས།

13 གྱོང་གུན་ཁ་གསབ།

ཁྱེད་ཉིད་ཡོད་སའི་ཁྲིམས་འཛིན་མངའ་ཁོངས་སུ་སྤྱོད་འཐུས་པའི་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ཆེ་ཤོས་ནང་། ཁྱེད་ཀྱིས་ཧྭ་ཝེའི་ཕྱོགས་ལ་གཤམ་གསལ་གྱི་ནང་དོན་ལས་བྱུང་བའམ་ཡང་ན་དེ་དང་འབྲེལ་བ་ཡོད་པའི་གུན་གསབ་རེ་ཞུ་དང་གཏུག་བཤེར་ནམ་ཡང་ན་ཞུ་གཏུག་གི་གནོད་འཚེ་མི་ཡོང་བའི་འགན་ལེན་བྱ་དགོས།

(1) ཁྱེད་ཀྱི་ནང་དོན།

(2) ཁྱེད་ཀྱིས་ཞབས་ཞུ་འདི་བཀོལ་སྤྱོད་བྱེད་པ།

(3) ཁྱེད་ཀྱིས་གྲོས་མཐུན་འདི་དང་འགལ་བའམ་སྤྱོད་གོ་ཆོད་པའི་མཐའ་མའི་སྤྱོད་པ་པོའི་ཆོག་མཆན་གྲོས་མཐུན་ཁྲོད་ཀྱི་ཆ་ཤས་གང་རུང་ཞིག

(4) ཁྱེད་ཀྱིས་ཕྱོགས་གསུམ་པའི་ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་བཏང་བའམ་ཡང་ན་ཁེ་དབང་གཞན་དག

(5) མི་སུ་འདྲ་ཞིག་གིས་ཀྱང་ཁྱེད་ཀྱི་ཧྭ་ཝེའི་ཐོ་ཨང་བེད་སྤྱད་ནས་ལག་བསྟར་བྱེད་པའི་དེ་དང་འདྲ་བའི་བྱ་སྤྱོད་དམ་ཡང་ན་གོང་སྨོས་ཀྱི་ནང་དོན་དང་འགལ་བ།

དེའི་ནང་གོང་གི་གནས་ཚུལ་ལས་བྱུང་བའི་རྩོད་གཞི་དང་། ཞུ་གཏུག་དང་། གཏུག་བཤེར་བཅས་ལས་བཟོས་པའི་འགན་འཁྲི། གནོད་སྐྱོན། གྲོན་དངུལ། གཏུག་བཤེར་གྱི་རིན་པ་དེ་བཞིན་ཁྲིམས་རྩོད་པའི་རིན་པ་བཅས་ཚུད་ཡོད། ཁྱེད་ཀྱིས་ཧྭ་ཝེ་ཕྱོགས་གང་རུང་གིས་ལུགས་མཐུན་གྱི་རེ་བ་འདོན་སྐབས་མྱུར་དུ་ནུས་ཤུགས་ཡོད་དགུས་དེར་གཞོགས་འདེགས་བྱས་ནས་དག་འབུད་བྱེད་པར་ཁག་ཐེག་དང་མོས་མཐུན་གནང་ཡོད།

14 ཁྱེད་ཀྱིས་མཇུག་སྒྲིལ་བ།

ཁྱེད་ཀྱིས་༼རིག་ལྡན་འཚོ་བའི་༽ཁ་ཕྱེ་སྟེ་༼ངའི་༽>༼སྒྲིག་འགོད།༽>༼སྐོར་༽དུ་བསྐྱོད་ནས། ༼ཞབས་ཞུ་མཚམས་འཇོག་པ་༽ལ་རྡེབ་སྟེ་མི་སྒེར་ཆ་འཕྲིན་བེད་སྤྱོད་པའི་མོས་མཐུན་ཕྱིར་འཐེན་བྱེད་པ་མ་ཟད་༼རིག་ལྡན་འཚོ་བའི་༽ཞབས་ཞུ་བེད་སྤྱོད་པ་མཚམས་འཇོག་ཆོག ཐེངས་རྗེས་མར་༼རིག་ལྡན་འཚོ་བའི་༽ཞབས་ཞུ་བེད་སྤྱོད་སྐབས་ཡང་བསྐྱར་དབང་སྤྲོད་བྱ་དགོས།

ཁྱེད་ཀྱི་ཐོ་ཨང་མཇུག་སྒྲིལ་བར་བྱས་རྗེས། ཧྭ་ཝེ་ཡིས་འཕྲལ་དུ་དང་དུས་གཏན་དུ་ཁྱེད་ཀྱི་ཐོ་ཨང་འོག་གི་དཔྱད་ཡིག་དང་ཡིག་ཆ། གསོག་འཇོག་བྱས་པའི་ནང་དོན་བཅས་གསུབ་ཆོག འོན་ཀྱང་ཁྲིམས་ལུགས་དང་དོན་དངོས་ཀྱི་རྒྱུ་རྐྱེན་འགའ་རེར་གཞིགས་ནས། ཧྭ་ཝེ་ཡིས་གཞི་གྲངས་འདི་དག་གི་གྲབས་ཉར་བུ་ཡིག་གསུབ་ཐབས་བྲལ་སྲིད། དུས་མཚུངས་སུ། ཁྱེད་ཀྱིས་སྤྱོད་མཁན་གཞན་དག་ལ་སྐྱེལ་གཏོང་བྱས་པའི་ནང་དོན་ཡང་སུབ་ཐབས་བྲལ། དེའི་ནང་དུ་བརྡ་འཕྲིན་ཚུད་ཡོད།

ཁྱེད་ཀྱི་ཐོ་ཨང་མཇུག་སྒྲིལ་རྗེས། ཁྱེད་ཀྱིས་མཇུག་སྒྲིལ་ཉིན་ (ཚུད།) སྔོན་གྱི་སྤྲོད་དགོས་པའི་གྲོན་དངུལ་གང་རུང་གི་འོས་འགན་མེད་པར་བཟོ་མི་སྲིད། དེར་མ་ཟད་ཧྭ་ཝེ་དང་ཕྱོགས་གསུམ་པ་གང་རུང་གིས་ཁྱེད་ཀྱིས་ཐོ་ཨང་མཇུག་སྒྲིལ་རྗེས་ཞབས་ཞུ་འདི་ཐོབ་མི་ཐུབ་པའི་མཇུག་འབྲས་བྱུང་བ་ལ་འགན་འཁྲི་གང་ཡང་མི་འཁུར།

15 ཧྭ་ཝེ་ཡིས་མཇུག་སྒྲིལ་བའམ་བར་མཚམས་འཇོག་པ།

ང་ཚོས་སྤྱད་འཐུས་བཅའ་ཁྲིམས་ལ་གཞིགས་ནས་བར་མཚམས་འཇོག་པ། ཚོད་འཛིན་བྱེད་པ། དོར་བའམ་ཡང་ན་ཁྱེད་རང་ཞབས་ཞུ་ཡོངས་རྫོགས་སམ་ཡང་ན་ཆ་ཤས་ལ་ལྟ་སྤྱོད་བྱེད་པར་མཚམས་འཇོག་བྱེད་པ་ལས་མི་སྒེར་རམ་ཡང་ན་ཕྱོགས་གསུམ་པ་གང་རུང་ལ་འགན་འཁྲི་གང་ཡང་འཁུར་གྱི་མེད། ང་ཚོས་གོང་བརྗོད་ཀྱི་བྱ་སྤྱོད་མ་སྤེལ་གོང་ནུས་ཤུགས་ཡོད་རྒུས་ཁྱེད་ལ་བརྡ་ཐོ་གཏོང་སྲིད། འོན་ཀྱང་གཤམ་གྱི་དོན་ཚན་ཐོན་ཚེ། ང་ཚོས་ཁྱེད་རང་ལ་བརྡ་ཐོ་མ་བཏང་བའི་གནས་ཚུལ་འོག་འཕྲལ་དུ་ཁྱེད་ཀྱི་ཞབས་ཞུ་འདིའི་ཚང་མའམ་ཁག་གཅིག་ལྟ་སྤྱོད་བྱེད་པ་བར་མཚམས་འཇོག་པ། མཚམས་འཇོག་པ་དང་འདོར་བ། དེ་བཞིན་ཚད་བཀག་བཟོ་སྲིད།

(a) ཁྱེད་ཀྱིས་རྒྱབ་འགལ་བྱས་པའམ་ཧྭ་ཝེ་ཡིས་ཁྱེད་ཀྱིས་མི་འགྱངས་པར་གྲོས་མཐུན་འདིར་འགལ་བར་འདོད་པ་ལ་རྒྱུ་མཚན་ཡོད་པ་སྟེ། དེའི་ཁྲོད་འདུས་པའི་ཁ་ཆད་གང་རུང་དང་སྲིད་ཇུས་སམ་ཕྱོགས་སྟོན་འདུས།

(b) ཁྱེད་དམ་ཁྱེད་ཀྱི་ཚབ་བྱས་ནས་དོན་སྒྲུབ་པའི་མི་སུ་ཡིན་རུང་མགོ་སྐོར་གཡོ་འཕྲུལ་ལམ་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཞིག་སྤེལ་བའམ། ཡང་ན་ཧྭ་ཝེ་ལ་ཆ་འཕྲིན་རྫུན་མ་དང་ལོག་པར་འཁྲིད་པའི་ཆ་འཕྲིན་མཁོ་འདོན་བྱེད་པ།

(c) ཕན་ནུས་ལྡན་པའི་བཅའ་ཁྲིམས་ཀྱི་གོ་རིམ་ལྟར་ཁྲིམས་བསྟར་སྡེ་ཁག་གམ་སྲིད་གཞུང་ལས་ཁུངས་ཀྱིས་བཏོན་པའི་བླང་བྱ་དང་ལེན་བྱེད་པ།

(d) ཛ་དྲག་ཆེ་བའི་རྒྱུད་ཁོངས་དང་མཁྲེགས་ཆས་སྲུང་སྐྱོང་དང་གསར་སྒྱུར་བྱེད་པའི་བྱ་བ་སྒྲུབ་པ།

(e) བློ་ཡུལ་ལས་འདས་པའི་ལག་རྩལ། བདེ་འཇགས་དང་ལས་སྒོའི་རྒྱུ་མཚན་ཡིན་པ།

གྲོས་མཐུན་འདིའི་དུས་ཚད་ཐིམ་པའམ་ཡང་ན་མཇུག་སྒྲིལ་བྱས་པ་དེས་གྲོས་མཐུན་འདིའི་ནང་དེའི་ནུས་པ་ཤོར་བའམ་ཡང་ན་མཇུག་སྒྲིལ་བྱས་རྗེས་སྔར་བཞིན་སྤྱོད་ཆོག་པའམ་ཡང་ན་མུ་མཐུད་སྤྱོད་གོ་ཆོད་པའི་ཆ་རྐྱེན་གསལ་བཤད་བྱས་པར་ཤུགས་རྐྱེན་མི་ཐེབས་ལ། བརྩི་བྱའི་ཁེ་དབང་ངམ་འོས་འགན་གང་རུང་ངམ་ཡང་ན་གྲོས་མཐུན་འདིའི་ནུས་པ་ཤོར་བའམ་ཡང་ན་སྒྲུབ་མཚམས་བཞག་རྗེས་མུ་མཐུད་སྤྱོད་གོ་ཆོད་པའི་ཁེ་དབང་ངམ་འོས་འགན་གང་རུང་ལའང་ཤུགས་རྐྱེན་མི་ཐེབས།

གྲོས་མཐུན་དེ་ཉིད་ཀྱི་ནང་དུ་གསལ་པོར་བཀོད་པའམ་ཡང་ན་དེའི་ངོ་བོར་གཞིགས་ན་གྲོས་མཐུན་མཇུག་བསྒྲིལ་རྗེས་མུ་མཐུད་ནས་རྩིས་འགྲོ་ཡོད་པའི་དོན་ཚན་གང་ཞིག་ཡིན་རུང་གྲོས་མཐུན་དེ་ཉིད་མཇུག་བསྒྲིལ་རྗེས་དེའི་ནུས་པ་ཆ་ཚང་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་དང་། དོན་ཚན་དེ་དག་ནང་གི་ཆ་རྐྱེན་འཛོམས་པའམ་ཡང་ན་དེའི་ངོ་བོར་གཞིགས་ནས་དུས་ཚད་མ་ཐིམ་བར་དུ་མུ་མཐུད་ནས་ལག་བསྟར་བྱ་དགོས།

16 གྲོས་མཐུན་འདིའི་དག་བཅོས།

ཧྭ་ཝེ་ཡིས་རྟག་པར་ཞབས་ཞུ་འདི་གསར་སྒྱུར། དག་བཅོས་དང་ལེགས་བཅོས་བྱེད་བཞིན་ཡོད། ཧྭ་ཝེ་ཡིས་ཞབས་ཞུ་འདིའི་རྩོལ་ནུས་སམ་གཤིས་ནུས་སུབ་པའམ་མང་དུ་གཏོང་སྲིད། ཚད་བཀག་གསར་པ་སྒྲིག་འགོད་བྱེད་པའམ་ཞབས་ཞུ་ག་གེ་མོ་གནས་སྐབས་མཁོ་སྤྲོད་བྱེད་མཚམས་འཇོག་པའམ་དུས་གཏན་དུ་མཁོ་སྤྲོད་བྱེད་མཚམས་འཇོག་པ། ཧྭ་ཝེ་ཡིས་ཞབས་ཞུ་འདིའི་གསར་སྒྱུར་གཞིར་བཟུང་ནས་དུས་ནམ་ཡིན་ཡང་གྲོས་མཐུན་འདིར་བཟོ་བཅོས་རྒྱག་སྲིད།

གསར་སྒྱུར་བྱས་རྗེས་ཀྱི་གྲོས་མཐུན་གྱི་དོན་ཚན་ནམ་ཞིག་ལ་ཁྱབ་བསྒྲགས་བྱས་ན་སྔོན་གྱི་གྲོས་མཐུན་གྱི་དོན་ཚན་ཚབ་བྱེད་ངེས། ང་ཚོས་དྲ་ངོས་སྟེང་དུས་ཐོག་ཏུ་གྲོས་མཐུན་འདིའི་བསྒྱུར་བཅོས་ཁྱབ་བསྒྲགས་བྱེད་ངེས། གལ་ཏེ་ཁྱེད་ཀྱིས་བཟོ་བཅོས་བྱས་རྗེས་ཀྱི་གྲོས་མཐུན་དང་ལེན་མ་བྱས་ན། ཞབས་ཞུ་འདི་འཕྲལ་མར་སྤྱོད་མཚམས་འཇོག་རོགས། ཁྱེད་ཀྱིས་ཞབས་ཞུ་འདི་མུ་མཐུད་དུ་ལྟ་སྤྱོད་དམ་བེད་སྤྱོད་བྱས་ཚེ་བཟོ་བཅོས་བརྒྱབ་རྗེས་ཀྱི་གྲོས་མཐུན་དང་ལེན་བྱས་པར་བརྩི།

གལ་ཏེ་གྲོས་མཐུན་འདིའི་བཟོ་བཅོས་ཀྱིས་ཁྱེད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའམ་ཁྱེད་ཀྱིས་ཞབས་ཞུ་འདི་ལྟ་སྤྱོད་དམ་བེད་སྤྱོད་ལ་ཚོད་འཛིན་ཚབས་ཆེན་བཟོས་ན། ང་ཚོས་བསྒྱུར་བཅོས་མ་བྱས་གོང་གི་ལུགས་མཐུན་དུས་ཚོད་ནང་ཁྱེད་ལ་བརྡ་ཐོ་གཏོང་ངེས། བདེ་འཇགས་དང་བཅའ་ཁྲིམས་སམ་ལྟ་སྐུལ་དོ་དམ་གྱི་རེ་བ་སྐོང་ཆེད་ཞབས་ཞུ་འདི་ལ་བཟོ་བཅོས་བརྒྱབ་ན། ང་ཚོས་གོང་དུ་བཤད་པའི་སྔོན་བརྡའི་དུས་ཚོད་ཀྱི་རེ་བ་སྐོང་མི་ཐུབ། འོན་ཀྱང་ང་ཚོས་གང་མགྱོགས་ངང་ཁྱེད་ལ་བརྡ་ཐོ་གཏོང་སྲིད།

17 སྤྱད་འཐུས་ཀྱི་བཅའ་ཁྲིམས་དང་མངའ་ཁོངས།

གྲོས་མཐུན་འདིའི་སྤྱད་འཐུས་བཅའ་ཁྲིམས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཡིན། ཁྱེད་དང་ཧྭ་ཝེ་ཡིས་མོས་མཐུན་གནང་བར། གྲོས་མཐུན་འདི་འཇོག་གནས་ནི་ཀྲུང་གོའི་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ལུང་སྒང་ཁུལ་ཡིན། གན་རྒྱ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གལ་ཏེ་ཕྱོགས་གཉིས་བར་རྩོད་གཞི་བྱུང་ན་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། གྲོས་མོལ་བྱ་མི་ཐུབ་པའི་རིགས་ལ་ཕྱོགས་གཉིས་ཀས་གྲོས་མཐུན་འཇོག་ཡུལ་དོ་བདག་བྱེད་དབང་ཡོད་པའི་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་གྱི་རྣམ་པས་ཐག་གཅོད་བྱ་དགོས།

18 སྤྱིར་བཏང་གི་དོན་ཚན།

ཞབས་ཞུ་འདིའམ་ཕྱོགས་གསུམ་པས་དྲ་ཚིགས་སམ་ཐོན་ཁུངས་གཞན་གྱི་འབྲེལ་ཐག་མཁོ་སྤྲོད་བྱེད་ཀྱང་སྲིད། ཁྱེད་རང་གིས་བསམ་ཤེས་དང་མོས་མཐུན་བྱ་རྒྱུར། ང་ཚོས་ཕྱི་ཕྱོགས་དྲ་ཚུགས་སམ་ཡང་ན་ཐོན་ཁུངས་དེ་རིགས་ཀྱི་སྤྱོད་རུང་རང་བཞིན་ལ་འགན་འཁུར་གྱི་མེད་ལ། དྲ་ཚུགས་སམ་ཡང་ན་ཐོན་ཁུངས་དེ་རིགས་ཀྱི་ཐོག་དང་། ཡང་ན་དེ་ལས་ཐོབ་པའི་ནང་དོན་དང་། བརྡ་ཁྱབ། ཐོན་རྫས་སམ་ཡང་ན་ཆ་འཕྲིན་གཞན་དག་ལ་རྣམ་པ་གང་རུང་གི་རྒྱབ་མཆན་ནམ་ཡང་ན་འགན་འཁྲི་གང་ཡང་མི་འཁུར། ཁྱེད་ཀྱིས་གཞི་འཛིན་ས་གང་རུང་བེད་སྤྱོད་བྱེད་པའམ་དེར་བརྟེན་ཐབས་བྱེད་པ། ཡང་ན་འདིའི་རིགས་ཀྱི་དྲ་ཚུགས་སམ་ཐོན་ཁུངས་བརྒྱུད་ནས་ཐོབ་པའི་ནང་དོན། ཚོང་ཟོག་གམ་ཞབས་ཞུ་གང་རུང་གི་རྐྱེན་གྱིས་བྱུང་བའམ། ཡང་ན་དེའི་རྐྱེན་གྱིས་བྱུང་བའི་གསལ་བསྒྲགས་བྱེད་པ། ཡང་ན་འབྲེལ་ཡོད་གནོད་སྐྱོན་ནམ་གྱོང་གུན་གང་རུང་ཞིག་གི་ཐད་ལ། ང་ཚོས་འགན་འཁྲི་ཅི་ཡང་མི་འཁུར།

གྲོས་ཡིག་འདིའི་ནང་དོན་གང་རུང་ནི་ཁྱེད་དང་ཧྭ་ཝེ་བར་ལ་མཉམ་འབྲེལ་ལམ་ལས་ཚབ་ཀྱི་འབྲེལ་བ་ཡོད་པར་བརྩི་མི་ཆོག ཕྱོགས་གང་རུང་ཞིག་ལ་ཕྱོགས་ཅིག་ཤོས་ཀྱི་མིང་ཐོག་གམ་ཡང་ན་ཕྱོགས་ཅིག་ཤོས་ཀྱི་ཚབ་བྱས་ནས་འགན་འཁྲི་དང་བུ་ལོན། ཡང་ན་མ་གནས་གང་རུང་ཞིག་བྱུང་བའམ་ཡང་ན་གན་རྒྱའམ་ཁ་ཆད་གཞན་དག་བཞག་མི་ཆོག

ཧྭ་ཝེས་ལུགས་མཐུན་ངང་ཚོད་འཛིན་ཁྱབ་ཁོངས་ཕུད་པའི་དོན་རྐྱེན་གྱིས་ཧྭ་ཝུའེ་ཡིས་གྲོས་མཐུན་འདི་དང་ཡང་ན་ཞབས་ཞུའི་ཆ་རྐྱེན་དེའི་ཁྲོད་ཀྱི་འོས་འགན་བསྒྲུབ་མ་ཐུབ་པ་དང་ཡང་ན་ལག་བསྟར་དུས་འགྱངས་བྱས་པ། ཧྭ་ཝེས་འགན་འཁྲི་གང་ཡང་འཁུར་མི་དགོས།

ཧྭ་ཝེ་ཀུང་སིའི་བྱེ་བྲག་ཀུང་སི་དང་ཡན་ལག་ཀུང་སི་ནི་གྲོས་མཐུན་འདིའི་ཕྱོགས་གསུམ་པའི་ཁེ་ཐོབ་པའི་ཕྱོགས་ཡིན། ཁོ་ཚོས་གྲོས་མཐུན་འདིའི་འབྲེལ་མིའི་ཐོབ་ཐང་ལྟར་གྲོས་མཐུན་འདི་བཙན་གྱིས་ལག་བསྟར་བྱ་ཆོག ཧྭ་ཝེ་ལ་ཁྱེད་རང་གི་དབང་ཆ་ཁག་དང་ཁེ་ཕན་ཉུང་དུ་མི་འགྲོ་བའི་ཆ་རྐྱེན་འོག ཧྭ་ཝེ་ཡི་གྲོས་མཐུན་འདིའི་འོག་གི་ཁེ་དབང་དང་འོས་འགན་ནང་བཤུག་དང་། འགན་གཙང་བགོ་བ། ཡང་ན་བརྗེ་རེས་བཅས་བྱེད་པའི་དབང་ཆ་ཡོད།

གལ་ཏེ་གྲོས་མཐུན་འདིའི་ནང་གི་དོན་ཚན་གང་ཞིག་བདག་སྤྲོད་བྱེད་དབང་ཡོད་པའི་ཁྲིམས་ཁང་ངམ་གཙོ་གཉེར་ལས་ཁུངས་གཞན་དག་གང་ཞིག་གིས་ནུས་མེད་དང་། ནུས་པ་ཤོར་བའམ་ཡང་ན་ལག་བསྟར་བྱེད་ཐབས་བྲལ་བར་བརྩིས་ན། དོན་ཚན་འདི་གྲོས་མཐུན་འདིའི་ནང་ནས་བསུབས་ཟིན་པར་བརྩི་རྒྱུ། འོན་ཀྱང་དོན་ཚན་གཞན་དག་གང་ཞིག་ཡིན་རུང་སྔར་བཞིན་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པ་ཡིན།

19 ང་ཚོར་འབྲེལ་གཏུག་བྱེད།

གལ་ཏེ་ཁྱེད་ཀྱིས་གྲོས་མཐུན་འདིར་དོགས་པ་གང་རུང་ཡོད་ཚེ། ཁྱེད་ཀྱིས་གཤམ་གསལ་ཆ་འཕྲིན་བརྒྱུད་ནས་ང་ཚོ་ལ་འབྲེལ་བ་གནང་རོགས། 950800